ཆོས་བརྡ་གསལ་བསྒྲགས།
ཇི་ལྟར་བཀྲས་ལྷུན་དགེ་རྩ་ཚོགས་པ་ནས་ (Tashi Lhunpo Foundation) གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་དཔལ་བཟང་པོ་མཆོག་ནས་མི་མང་ལ་༼དཔལ་ལྡན་ལྷ་མོའི་རྗེས་གནང་གསུང་ཆོས་༽དང་བཀའ་སློབ། དེ་བཞིན་མཇལ་ཁ་བཅས་གནང་རྒྱུ་ལགས་ན། དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་རྣམས་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཉི་མའི་ཚོུད་ ༢།༠༠ ཐོག་བྱང་ཀེལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་(TANC) ཕེབས་གནང་ཞུ། གསུང་ཆོས་གྲུབ་མཚམས་དགོང་མོའི་གསོལ་ཚིགས་གོ་སྒྲིག་ཞུ་རྒྱུ་ལགས་ན་དེ་དོན་དགོངས་འཇགས་འཚལ།། ཀེལི་ཕོར་ནི་ཡ་བཀྲས་ལྷུན་དགེ་རྩ་ཚོགས་པ་ནས།









